ལྷ་ས་དྲན་པའི་ས་སྲོས་ཤིག རྩོམ་པ་པོ་དུས་མེ།107
ལྷ་ས་དྲན་པའི་ས་སྲོས་ཤིག རྩོམ་པ་པོ་དུས་མེ དོ་ནུབ་ཟླ་བས་སྤྲིན་རིས་བཏང་བ་ལྟར།། ཡིད་འོང་སྐྱིད་ཆུའི་འགྲམ་གྱི་མུ་ཏིག་ཅིག རྨི་ལམ་སྒྱུ་མར་མངོན་པའི་ལྷ་ས་ནི།། དྭངས་གསལ་སེམས་འདིའི་ངོས་ལ་གསལ་བར་བྱེད། ཉི་འོད་མཚམས་སྤྲིན་རལ་བའི་རྩེ་ཡིས་ཁུར། ། གཙང་ཆུའི་གྲེ་འགྱུར་ཟེ་བའི་ངག་གིས་འཁྱུད།། ཆོས་སྲིད་དར་དཀར་ཡུག་གཅིག་གཡོ་བ་ཡི།། ཡིད་འོང་ལྷ་སའི་བདེ་འཛོམས་དྲན་ནོ་ཨང་།། མི་ཞིག་དཔའ་དམ་རྣོ་ཡི་གཟུགས་སུ་གྲུབ།། ཕྱོགས་ཀྱི་རྒྱལ་ཕྲན་རྐང་སེན་འོག་ལ་བཀོད། ། སྤྲིན་དཀར་ཀི་བསྭོའི་ཆ་ལང་ལྡེམ་པ་ཡི།། བཙན་ཕྱུག་གཟུང་ཐག་དམ་པའི་ལྷ་ས་དྲན།། ས་སྲོས་ངོགས་ལ་དུས་བཞིའི་གཡེར་དྲིལ་ལྡིར།། བྱེའུ་ཆུང་སྒྲོ་ལས་ཉི་མའི་འོད་ཟེར་མཐོང་།། མཚན་མོ་ཡིན་ཡང་རྡོ་ལ་ཚ་ཚ་འཕྲོ།། མི་སེམས་སྙོམ་པའི་རྩེ་ཡི་ལྷ་ས་དྲན།། དུས་མིན་ཁ་བ་ནག་པོའི་སྟ་གྲི་གདེང་།། སྟོན་ཁའི་ངོགས་སུ་ཁྲུང་ཁྲུང་འཕུར་ལྡང་ཆད།། ཆུ་མིག་འཛུམ་ལས་དྲག་རླུང་འཕྱོ་བ་ཡི།། སྐྱོ་སྒྲུང་འཇུག་གཏམ་མོད་པའི་ལྷ་ས་དྲན།། བསིལ་རླུང་ཕྲ་མོའི་གཤིས་ཀྱིས་དབུགས་དབྱུང་འཐོབ།། ལམ་ཕྲན་སྟེང་དུ་བྱམས་པའི་པད་དཀར་འཛུམ།། ལྗོན་འདབ་རེ་ཡང་རེ་ཡང་འོད་དུ་འཁྲུངས་པ་ཡི།། ཇོ་བོའི་བྱིན་རླབས་གསལ་བའི་ལྷ་ས་དྲན།། སྐྱ་ལམ་དངུལ་ཆུ་ཟེགས་མས་ཆགས་ཆགས་བྱས།། ཉི་འོད་རྩིབས་མར་དྲན་སྣང་མེ་ཏོག་བཀོད།། རྒྱང་ཐག་རིང་ཡང་དད་དམ་སྔོན་ལ་འཆོར།། འཁོར་བའི་ཡིད་རྟོགས་ཁྲོད་ཀྱི་ལྷ་ས་དྲན།། |