ཨ་ཡིག་རིག་མཛོད།

གེ་སར་འཁྲུངས་སྐར། ལྡོང་ནོར་སྡེ།

160

རྩོམ་པ་པོ། ལྡོང་ནོར་སྡེ།


༼༢༠༢༠-༢-༩༽


ཨོཾ་ཆོས་དབྱིངས་ཁྱབ་བརྡལ་རིག་སྟོང་སོ་མའི་གཤིས།།

མ་བཅོས་ལྷུན་གྲུབ་སྣང་སྲིད་དག་མཉམ་ངོར།།

སེམས་ཀྱི་རྡོ་རྗེ་བླ་མ་སེང་ཆེན་རྗེ།།

འདུ་འབྲལ་མ་དམིགས་སྐུ་གསུམ་ཀློང་དུ་མཇལ།།


དགྱེས་འཛུམ་ཞལ་གྱི་གཟིགས་སྟངས་ཡ་ལ་ལ།།   

སྙན་འགྱུར་གསུང་གི་བཞད་སྒྲ་ལྷངས་སེ་ལྷང་།།

རྗེས་ཆགས་ཐུགས་ཀྱི་འོད་དམར་ཁྱུགས་སེ་ཁྱུག།

གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་བའི་གར།།

སྟག་ཤར་དད་པ་ཅན་གྱི་གཙུག་ན་བཞུགས།།

སྨན་ཤར་དུང་སེམས་ཅན་གྱི་སྙིང་ན་བཞུགས།།

ཁྱེའུ་ཆུང་ཤེས་རབ་ཅན་གྱི་བློ་ན་བཞུགས།།

ལྡོང་རིགས་རྒན་པོའི་ལུས་ངག་ཡིད་ན་བཞུགས།།


བླ་མ་ཁྱོད་ཡིན་འདི་ཕྱིའི་ལམ་བཟང་སྟོན།།

ཡི་དམ་ཁྱོད་ཡིན་མཆོག་ཐུན་དངོས་གྲུབ་སྩོལ།།

མཁའ་འགྲོ་ཁྱོད་ཡིན་བདེ་ཆེན་དགའ་སྟོན་སྒྲུབས།།

ཆོས་སྐྱོང་ཁྱོད་ཡིན་ཕྱི་ནང་བར་ཆད་སོལ།།


ཕུ་ནུ་སུམ་བཅུ་དཔའ་ཐུལ་བརྒྱད་ཅུའི་དཔུང་།།

དྭངས་སྨན་བཅོ་བརྒྱད་ལྷ་ཀླུ་གཉན་དམག་བཅས།།

གསོལ་ལོ་མཆོད་དོ་ཡངས་པའི་རྒྱལ་ཁམས་འདིར།།

ཆོས་སྲིད་སྡེ་བཞིའི་ལང་ཚོ་དར་བར་མཛོད།།


ལྷ་རྒྱལ་ལོ།།   བོད་རབ་རྒྱན་ས་ཕག་རྒྱལ་ཟླའི་བཅོ་ལྔ་གླིང་རྗེའི་འཁྲུངས་སྐར་ལ་མཁའ་འགྲོ་སྣང་གསལ་སྒྲོལ་མའི་གཅེས་སྐལ་དུ་ལྡོང་ནོར་སྡེས་སོ།།


རྩོམ་པ་པོ་ངོ་སྤྲོད་ཐུང་ངུ་།


ལྡོང་ནོར་སྡེ།   མཚོ་སྔོན་དགའ་བདེ་རྫོང་གི་མི་ཡིན།   སྤྱི་ཚོགས་ཚན་རིག་རྒྱལ་ཁབ་རིམ་པའིཆེད་མཁས་པ་དང་།   ཏང་ཁག་གང་ལ་ཡང་མི་གཏོག་པའི་མི་སྣ་ཡིན།   སྔར་མགོ་ལོག་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་ཡིན་ལ་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཟིན། ད་ལྟ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣ་དང་།   མགོ་ལོག་ཁུལ་ཤེས་ལྡན་མི་སྣ་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར་ཡོད།


རྩོམ་དབང་ཡོད་པས་རྐུ་བཤུས་མི་རུང་།

03.png

分享到: