ཨ་ཡིག་རིག་མཛོད།

སློབ་དཔོན་སེང་གེ་བཟང་པོ།

47

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ།།

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ།།

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི།།

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས།།


       ཁོང་ནི་སློབ་དཔོན་ཞི་བ་འཚོའི་སློབ་མ་ཤེར་ཕྱིན་ལ་ཤིན་ཏུ་མཁས་པ་ཞིག་ཡིན། དུས་རབས་བརྒྱད་པའི་ནང་རྒྱལ་རིགས་སུ་སྐུ་འཁྲུངས།རྨི་ལམ་དུ་རྒྱལ་བ་བྱམས་པས་རྒྱན་གྱི་དགོངས་བཀྲལ་བར་བསྐུལ་བ་ལྟར། 《འགྲེལ་ཆུང་དོན་གསལ》དང་། 《འགྲེལ་ཆེན་རྒྱན་སྣང་།》 《ལེ་བརྒྱད་མ》སོགས་བསྟན་བཅོས་མང་དུ་མཛད།

03.png

分享到: