ཨ་ཡིག་རིག་མཛོད།

བྱིས་པར་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། ལེགས་བཤད།

117


         ཨེ་ཝེ་སཱོའུ་ཡིས་མི་ཐོག་མར་སྐྱེས་དུས་ཚང་མ་གཅིག་འདྲ་ཡིན་ནའང་ཐམས་ཅད་ཁོར་ཡུག་ལ་རེག་པ་མ་ཟད། ལྷག་ཏུ་བྱིས་དུས་ཀྱི་འཚོ་བའི་ཁོར་ཡུག་མི་གཅིག་སྟབས་མི་ལ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པའམ་དཔའ་ངར་འཛོམས་པ་ཞིག་ཡིན་ལ། ལ་ལ་ནི་དེ་ལས་ལྡོག་སྟེ། སྤྱིར་བཏང་བའམ་གླེན་པ་ཞིག་ཏུ་གྱུར་སོང་བ་རེད། སྤྱིར་བྱིས་པ་ཕལ་བ་ཞིག་ཡིན་རུང་སློབ་གསོ་ལེགས་པོས་ཕུལ་བྱུང་ཅན་དུ་སྒྱུར་ཐུབ། ཁྱིམ་ཚང་ཁོར་ཡུག་གི་བྱིས་པའི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་སྲིད་པས་ཁྱིམ་བདག་རེ་རེས་ཁྱིམ་ཚང་སློབ་གསོའི་ཁོར་ཡུག་ལ་དོ་སྣང་ཟབ་མོ་བྱེད་དགོས། ཐོག་མར་འདྲ་མཉམ་ནི་ཁྱིམ་ཚང་སེམས་ཁམས་ཀྱི་སྣང་ཚུལ་ལེགས་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཕ་མ་དང་ནང་མི་སུ་ཡིན་རུང་མི་ལེགས་པའི་དོན་དག་དང་འཕྲད་ཚེ། མིང་སྲིང་གཞན་རྣམས་ཀྱི་སེམས་ཁམས་ལའང་གནོན་ཤུགས་སྤྲོད་པ་རེད། བར་དུ་དཀྱེལ་ཡངས་ནི་ནང་མི་ཞིག་གིས་སྦ་གསང་མེད་པར་རང་གི་བསམ་ཚུལ་དག་འདྲ་མཉམ་གྱི་སྒོ་ནས་བརྗོད་དེ་ནང་མི་གཞན་གྱིས་དང་ལེན་བྱེད་ཐབས་ཤིག་ལ་ཟེར་བ་ལས་གཞན་ལ་བསམ་བློ་མི་གཏོང་བར་རང་གི་བསམ་ཚུལ་སོགས་གང་དགར་བརྗོད་པ་ཞིག་མ་ཡིན། གཞན་ད་དུང་ཁྱིམ་བདག་གི་སློབ་གསོའི་ནུས་པ་དང་ཁྱིམ་མི་བར་གྱི་ཆ་མཐུན་གྱི་འབྲེལ་བའི་ཚད་གཞི་ལས་ཁྱིམ་ཚང་སེམས་ཁམས་སྣང་ཚུལ་གྲུབ་སྟངས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད། ཐ་མར་རིག་པ་གསལ་བོ་བྱེད་དགོས། དེ་ལྟར་བྱས་ཚེ་རང་གི་སེམས་ཀྱི་ཧོལ་རྒྱུག་ལ་ཚོད་འཛིན་བྱེད་ཐུབ། སེམས་རྣལ་དུ་ཕབ་ནས་བྱ་བར་ཞུགས་ཚེ་ད་གཟོད་ཁྱིམ་ཚང་སེམས་ཁམས་སྣང་ཚུལ་ལེགས་པོ་ཡོང་བར་དགེ་མཚན་སྐྲུན་ཡོད་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་བྱིས་པར་གཏན་འཇགས་ཀྱི་སེམས་ཁམས་སྐྲུན་པའི་ཕན་པ་ཡོད་པའོ།།


03.png

分享到: