ཨ་ཡིག་རིག་མཛོད།

བློ་འཛིན་དང་དྲན་ཤེས་ནི་སྤྱི་ཁྱབ་ཀྱི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན། ལེགས་བཤད།

177


            སློབ་སྦྱོང་བ་རྣམས་ལ་ངོམ་ཆོག་ཆོག་ཅིག་ཡོད་པ་ནི༼དམ་པའི་གསུང་རབ༽རམ་ཡེ་ཤེས་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་བློ་བཟུང་ཡོད་པ་དེ་རེད། ཤེ་པཱོ་ལེ་ཡིས་འདི་འདྲ་ཞིག་གསུང་ཡོད་དེ། སློབ་སྦྱོང་གི་རྒྱལ་ཁ་ཐོབ་མཁན་གྱི་མི་ཞིག་གིས་ཀླད་པ་དང་ལག་པ་གཉིས་གཅིག་ཅར་བེད་སྤྱད་དེ་དཔེ་ཀློག་གི་ངེས་ཆ་དང་དྲན་ཤེས་ལ་བརྟེན་ནས་དོགས་སློང་བྱེད་པ་དེའོ། །མི་ཞིག་གི་དྲན་ཤེས་ལ་མཚོན་ན་བསམ་གཞིག་ལ་གོམས་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། དེ་བས། ཡཱ་ཧཱུ་དཱ་པའི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་སྐབས་ནམ་རྒྱུན་གཏམ་རྒྱུད་བརྒྱུད་ནས་བྱིས་པ་ལ་བསམ་གཞིག་བྱེད་པར་ཚེགས་ཡང་དགོས་པའི་ཁ་ཏ་བྱེད་པ་རེད། བྱིས་པ་ཆུང་དུས་སུ་དུས་རྒྱུན་ཕ་མའི་བསླབ་བྱ་བརྗེད་སླ་བ་ཞིག་ཡིན་ན་ཡང་སྐབས་དེར་ཕ་མས་བྱིས་པའི་སྔུན་ནས་གང་དགར་བྱིས་པའི་ཡིད་འཛིན་བཟང་མིན་ལ་བརྡར་ཤ་གཅོད་མི་འོས། དེ་ནི་བྱིས་པ་བྱ་བ་དེ་ལ་སྤྲོ་སྣང་མ་ཡོད་པ་ཙམ་མོ། །མི་རྣམས་ཀྱིས་རང་གི་དྲན་ཤེས་དང་ངེས་ཆ་ལྡན་པའི་ཤེས་བྱ་མཐའ་དག་གཏན་ནས་མི་བརྗེད་པར་འཁྲེང་ནའང་། དངོས་ཡོད་འཚོ་བའི་ཁྲོད་ནས་བརྗེད་ངས་རྐུན་པོས་ང་ཚོའི་རེ་བ་བཅོམ་སོང་བ་རེད། གཞན་གྱིས་དཔྱད་པ་ལྟར་ན། སློབ་སྦྱོང་བྱས་ནས་ཟླ་ཕྱེད་འགོར་རྗེས་ཀྱི་བརྗེད་ངས་གནས་ཚུལ་ནི་ཧང་སང་དགོས་པ་ཞིག་རེད། སློབ་ཆེན་སློབ་མའི་དངོས་ལུགས་ཤེས་བྱ་བརྗེད་ཚད༨༥% སློབ་འབྲིང་སློབ་མའི་སྐྱེ་དངོས་ཤེས་བྱ་བརྗེད་ཚད༦༠% སློབ་ཆུང་སློབ་མའི་ས་ཁམས་ཤེས་བྱ་བརྗེད་ཚད༥༥%སོགས་རེད།ཡཱ་ཧཱུ་དཱ་པས་རྒྱུན་དུ་བྱིས་པར་སློབ་གསོ་གཏོང་སྐབས་བརྗེད་ལྐུགས་ནི་འཇིགས་སུ་རུང་བ་ཞིག་མིན་ཏེ། གཙོ་བོ་ཁྱོད་ཀྱིས་ཇི་ལྟར་བྱས་ཏེ་བརྗེད་ལྐུགས་ཤེས་སུ་འཇུག་པ་དེའོ།། བསྟོད་སྐུལ་གྱིས་རིག་པ་རྟུལ་པོ་ཅན་རིག་གསལ་དུ་སྒྱུར་ཐུབ།ཨེ་དབྱིན་སི་ཐཱན་ནི་ཆུང་དུས་སུ་རིག་པ་རྟུལ་བོ་ཅན་གྱི་བྱིས་པ་ཞིག་ཡིན། ལོ་བཞིའི་སྟེང་དུ་ད་རུང་ཁ་གྲག་མི་ཐུབ་པས་ཚང་མས་ཁོ་ནི་རིག་པ་མི་གསལ་བའི་བྱིས་པ་ཞིག་ཡིན་པའི་དོག་པ་སྐྱེས་ན་ཡང་། ཨ་ཕའི་རང་གི་གཅེས་ཕྲུག་ལ་ཡིད་ཆེས་བརྟན་པོ་བྱས་ཏེ་ཐབས་ལམ་སྣ་ཚོགས་བཀོལ་ནས་བྱིས་པའི་རིག་པ་རྒྱས་སུ་བཅུག ཨ་ཕས་ཤིང་ཉོས་ཏེ་ཨེ་དབྱིན་སི་ཐཱན་ལ་ཁང་བ་བཙུགས་སུ་བཅུག་པ་དང་། ཁང་རིམ་རེ་བཙུགས་རྗེས་ཨ་ཕས་བསྟོད་བསྔགས་དང་སྐུལ་མ་མི་དམན་པ་རེ་བཏང་། དེ་ལྟར་ཨ་ཕའི་བསྟོད་སྐུལ་འོག་ནས་ཁོའི་ཁང་རིམ་བཅུ་བཞི་བཙུགས་ཐུབ་སོང་བ་རེད། ཁྱིམ་བདག་ལ་ལས་བྱིས་པའི་རིག་པ་རྟུལ་བ་རྐྱེན་བྱས་ནས་བློ་ཕམ་པ་དང་། ཁྱིམ་བདག་ལ་ལས་ཐ་ན་དེ་ལྟ་བུའི་སེམས་ཁམས་མི་ལེགས་པའི་སྐོར་བྱིས་པར་བགོས་པའོ། །བྱེད་སྟངས་འདི་རིགས་ཀྱིས་བྱིས་པའང་རང་ལ་ཡིད་ཆེས་མེད་པར་གྱུར་པ་རེད། ཤེས་མེད་པ་ཞིག་ལ། བྱེད་སྟངས་འདི་རིགས་ཀྱིས་བྱིས་པའི་སེམས་ཁམས་ལེ་ལོའི་དབང་དུ་འགྲོ་བ་མ་ཟད། དུས་ཡུན་རིང་བོར་ལོན་རྗེས་བྱིས་པའི་རིག་པ་རྡིབ་འགྲོ་བ་རེད། དོན་དངོས་སུ་མིའི་རིགས་ཀྱི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པའི་མི་དང་སྤྱིར་བཏང་གི་བྱིས་པ་ཞིག་གི་རིག་པ་གཉིས་ལ་ཕལ་ཆེ་ཤོས་སུ་ཧེ་བག་ཆེན་པོ་མེད་པ་དང་། ཨེ་ཏཱི་ཧྲིན་གྱིས་སྐྱེས་སྟོབས་ཀྱི་ཤེས་རབ་ནི་འབད་བརྩོན་ཐོག་ཚོད་ལྟ་བསྣན་པ་ཞིག་ལ་ཟེར་བ་རེད་སོགས་ཀྱི་སྡོམ་ཚིག་བཀོད་མྱོང་།

03.png


分享到: