ཨ་ཡིག་རིག་མཛོད།

ཨ་མའི་འགན་འཁྲི། ལེགས་བཤད།

54


        ཡཱ་ཧཱུ་དཱ་པའི་མི་རིགས་གཞན་ལས་འཕགས་པའི་ཁྱད་ཆོས་ཤིག་ནི། ཡཱ་ཧཱུ་དཱ་པའི་ཁྱིམ་ཚང་དུ་བུད་མེད་ཀྱི་གོ་གནས་ནི་མེད་དུ་མི་རུང་བ་ཞིག་གོ། སྤྱིར་གནའ་བོའི་སྐབས་སུ་ཡཱ་ཧཱུ་དཱ་པར་སྐྱེས་པ་ལྟེ་གནས་སུ་འཛིན་པའི་སློབ་གསོ་དར་སྤེལ་ཆེ་ན་ཡང་། ཁྱིམ་ཚང་ནང་དུ་བུད་མེད་ལ་བརྩི་བཀུར་ཐོབ་པའི་གོ་གནས་ངེས་ཅན་ཡོད། འོན་ཀྱང་ཁོ་མོ་ཚོའི་ལས་ཀ་གཙོ་བོ་ནི་ཁྱིམ་ལས་ཡིན། འོ་ན་བུད་མེད་ལ་མཚན་སྙན་ཇི་ལྟར་ཐོབ་པ་ཡིན་སྙམ་ན། དེ་ནི་ཡཱ་ཧཱུ་དཱ་པའི་སྐྱེས་མ་དག་གིས་བུ་ཕྲུག་ཡཱ་ཧཱུ་དཱ་པའི་ཚོགས་ཁང་ནང་དུ་སློབ་སྦྱོང་བྱེད་པར་བཏང་བ། ༼ཐཱོ་ལཱ༽《托拉》ཁྱོ་ག་ལཱ་པཱེ་སློབ་གླིང་དུ་ཞིབ་འཇུག་བྱེད་དུ་མངགས་པ་རེད། འོན་ཀྱང་ཡཱ་ཧཱུ་དཱ་པའི་བུད་མེད་དག་ལ་རིག་གནས་ཀྱི་ཆུ་ཚད་ཟབ་ཅིང་ལཱ་པཱེ་རྣམས་ཀྱིས་སྤྱི་མང་འདུ་གནས་ཁུལ་དུ་ཀུན་སྤྱོད་དང་ཁྲིམས་ལུགས་ཡང་ན་ཤེས་བྱ་གཞན་ཁྲིད་སྐབས་ཨ་མ་དག་བྱིས་པ་དང་མཉམ་ཞུགས་བྱེད་པ་རེད། འདི་ནི་ཡཱ་ཧཱུ་དཱ་པའི་གནའ་ནས་ད་བར་རྒྱུན་མ་ཆད་པའི་སྲོལ་རྒྱུན་ཞིག་ཡིན། དེ་བས། ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་ཡཱ་ཧཱུ་དཱ་པའི་བུད་མེད་ལ་རིག་གནས་ཆུ་ཚད་མཐོ་ན་ཡང་ཡོང་འབབ་ནི་མི་རིགས་གཞན་དང་བསྡུར་ན་དམའ་བ་རེད། དེའི་རྒྱུ་མཚན་ནི་བུད་མེད་ཚོ་ཡུལ་ནས་བསྡད་དེ་བྱིས་པ་གཉོར་སྐྱོང་བྱེད་དགོས་པ་མ་ཟད། བྱིས་པའི་སློབ་སྦྱོང་གི་སྤུས་ཀ་འགན་འཁུར་དགོས་པས་རེད། དམ་པ་ཞིག་གིས་བཞེད་དོན། རྒྱལ་དམངས་ཀྱི་ལས་དབང་ནི་ཡུམ་ཆེན་ལ་རེག་ལས་ཞེས་གསུངས་པ་འདི་ལ་ཡང་གནས་ལུགས་ཧ་ཅང་ལྡན་པ་རེད། འོན་ཀྱང་ཚིག་འདིའི་དགོངས་དོན་རྟོགས་མཁན་གྱི་མི་ནི་ཧ་ཅང་ཉུང་ངོ་། །ཨ་མ་ཞིག་གི་མི་ཚེའི་ནང་གི་ཆེས་ཚབས་ཆེ་བའི་ནོར་འཁྲུལ་ནི་རང་གི་གཅེས་ཕྲུག་ལོག་ལམ་དུ་ཁྲིད་པ་དེའོ། ། རྒྱལ་དམངས་ཀྱི་ལས་དབང་གི་གཡས་གཡོན་ཐུབ་མཁན་ནི་ཨ་མའི་སློབ་གསོ་ཡིན་པས་གནམ་འོག་གི་བྱམས་ལྡན་གྱི་ཨ་མ་དག་གིས་སྙིང་སྟོབས་བསྐྱེད་དེ་གཟི་བརྗིད་འབར་བའི་རང་གི་ཨ་མའི་ལས་འགན་དང་དུ་ལེན་ཐུབ་པར་བྱ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན།

03.png


分享到: