ཨ་ཡིག་རིག་མཛོད།

བྱིས་པར་སྐད་རིགས་གཞན་སློབ་ཏུ་འཇུག་དགོས། ལེགས་བཤད།

50


         བྱིས་པར་སྐད་རིགས་གཞན་སློབ་ཏུ་བཅུག་སྟེ་འབྱུང་འགྱུར་གྱི་མདུན་ལམ་ལ་རྨང་གཞི་འཇོག་དགོས། ཡཱ་ཧཱུ་དཱ་པར་ཕུལ་བྱུང་ཚོང་བ་མང་བོ་བྱུང་ཡོད་པ་རེད། ལཱོ་སཱི་ཛིར་དྷི་ནས་སཱོ་ལཱོ་སི་བར། ལོ་ཁཱི་ཧྥེའུ་ལི་ནས་པེ་དྷི་སིན་སོགས།(从罗斯柴尔德到索罗斯,从洛克菲勒到彼德森)དེ་འདྲའི་ཕུལ་བྱུང་ཚོང་བ་རྣམས་ཀྱི་སྐད་གྲགས་ཆེ་བའི་ལས་གཞིའི་འཇིག་རྟེན་གྱི་མི་རྣམས་ངོ་མཚར་བའི་གནས་སུ་བསྐྱལ་བ་རེད། འོ་ན་ཁོང་ཚོའི་རྒྱལ་ཁའི་ལམ་ལུགས་ནི་གང་ཞིག་ཡིན་ནམ། ཡཱ་ཧཱུ་དཱ་པ་ནི་ལོ་ངོ་སྟོང་ཕྲག་མང་བོའི་འོད་སྟོང་ལྡན་པའི་ཚོང་ལས་ཀྱི་ཤེས་རབ་ལྡན་ཞིང་ཕུན་སུམ་ཚོགས་པའི་ཚོང་ལས་ཉམ་མྱོང་འཛོམས་པའི་མི་རིགས་ཤིག་རེད། ཁོང་ཚོར་ཚོང་ལས་རིག་གནས་ཀྱི་ཆུ་ཚད་མཐོ་བ་ནི་སྨོས་མ་དགོས་པ་ཞིག་རེད། མ་མཐའ་ཡང་སྐད་གཉིས་སྨྲ་བ་ཏག་ཏག་ཡིན་པ་མ་ཟད། སྐད་རིགས་སྣ་མང་ཤེས་པ་ནི་འཛམ་གླིང་ཚོང་བའི་ལམ་ཡིག་ལྟ་བུ་ཞིག་ཏུ་འདོད། ཡཱ་ཧཱུ་དཱ་པའི་མིས་བསམ་པར་སྐད་རིགས་གཞན་སློབ་པ་ནི། ཁྱོད་ཀྱིས་སྐད་རིགས་ག་ཙམ་ཤེས་ན་ཁྱོད་ལ་མི་བུ་དེ་ཙམ་གྱི་རིན་ཐང་ལྡན། ཡཱེ་སི་ལེའི་རྒྱལ་ནང་གི་རིགས་མི་འདྲ་བའི་ཡཱ་ཧཱུ་དཱ་པའི་གནས་སྤོར་མི་རྣམས་ཀྱིས་སྐད་རིགས་སྣ་ཚོགས་སྤྱོད་བཞིན་ཡོད། བསྡོམས་རྩིས་ལྟར་ན། ཡཱེ་སི་ལེའི་ཡཱ་ཧཱུ་དཱ་པའི་རིགས་ཀྱིས་སྐད་རིགས ༨༦ སྤྱོད་བཞིན་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་གྲོས་ཚོགས་སྐབས་སུ་སྤྱོད་པའི་སྐད་རིགས་དང་བསྡུར་ན་ཕལ་ཆེར་འདྲ་མཚུངས་སུ་ཆགས་ཡོད་པས་ཡཱ་ཧཱུ་དཱ་པའི་ཚོང་བ་དག་ལ་རྒྱལ་ཁ་ཐོབ་པའི་ཚད་གཞི་ཅུང་མཐོ་བ་རེད། ཡཱ་ཧཱུ་དཱ་པའི་མི་རིགས་ལ་མཚོན་ན་སྐད་རིགས་གཞན་སློབ་པ་ནི་རང་གི་རེ་བ་ཡིན་པ་མ་ཟད། འཛམ་གླིང་མཁས་པ་རྣམས་ཀྱིས་གལ་ཆེ་བའི་བྱིས་པའི་སློབ་གསོའི་རིགས་ཤིག་ཏུ་བརྩི། འདིའི་ཕྱོགས་ནས་ཡཱ་ཧཱུ་དཱ་པའི་ཕ་མ་རྣམས་ཀྱིས་འཇར་མན་གྱི་རླབས་ཆེ་བའི་ཁྲིམས་ལུགས་ཆེད་མཁས་པ་བཱེ་ཐིའི་ཕ་མ་གཉིས་ཀྱི་སློབ་གསོའི་ཐབས་ལམ་བརྒྱུད་ནས་རང་གི་བྱིས་པར་སློབ་གསོ་བཏང་བ་རེད། འཇར་མན་གྱི་རླབས་ཆེ་བའི་ཁྲིམས་ལུགས་ཆེད་མཁས་པ་བཱེ་ཐི་དགུང་ལོ་བརྒྱད་གྱི་སྟེང་དུ་འཇར་མན་དང་། ཧྥ་རན་སི། ལ་དག དབྱི་ཐ་ལི། དབྱིན་ཇི་དང་ཞི་ལ་སོགས་རྒྱལ་ཁབ་དྲུག་གི་སྐད་རིགས་ཤེས་ཀྱིན་ཡོད། སྐབས་འདིར་ཁྱོད་ཀྱིས་ཁོ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་རེད་འདོད་མོད། དོན་དངོས་སུ་དེ་འདྲ་ཞིག་མ་ཡིན་པར།དེ་ནི་ཁོང་གི་ཕ་མ་གཉིས་ཀྱི་སློབ་གསོ་བཟང་བོ་དང་ཁ་འབྲལ་ཐབས་མེད་པའོ། །

03.png


分享到: