ཨ་ཡིག་རིག་མཛོད།

ཐོག་མར་བྱིས་པ་དཔེ་ཆ་ལ་དགའ་རུ་འཇུག་དགོས། ལེགས་བཤད།

59


        ཡཱ་ཧཱུ་དཱ་པའི་མིའི་བློ་རིག་ནི་དཔེ་ཀློག་དང་འབྲེལ་བ་ཟབ་མོ་ཡོད། ཡཱ་ཧཱུ་དཱ་པའི་མིས་དཔེ་ཆ་མེ་རུ་གཏན་ནས་སྒྲོན་མི་སྲིད། ཐ་ན་རང་ལ་རྒོལ་བའི་དཔེ་དེབ་ངན་པ་ཞིག་ཡིན་ཡང་། ཡཱ་ཧཱུ་དཱ་པའི་ཕ་མ་རེ་རེས་རང་གི་བྱིས་པར་དཔེ་ཆ་ལ་དགའ་དགོས་པའི་སློབ་གསོ་གཏོང་སྲིད། རྒྱུ་མཚན་ཁོང་ཚོས་དཔེ་ཀློག་ནི་ཀླད་ཆེན་ཤེས་རབ་ཀྱིས་ཕྱུག་ཐུབ་པའི་ཐབས་ལམ་ལེགས་ཤོས་ཤིག་ཏུ་ངོས་འཛིན། དེ་བས། ཡཱ་ཧཱུ་དཱ་པའི་ཨ་མ་རེ་རེས་བྱིས་པར་འདི་འདྲའི་དྲི་བ་ཞིག་བཏོན་ཡོད། གལ་སྲིད་ཉིན་ཞིག་ཁང་བར་མེ་སྐྱོན་ཤོར་བའམ། འཕྲོག་བཅོམ་སོགས་ཀྱི་གནས་ཚུལ་འོག་ཁྱོད་ཀྱིས་ཅི་ཞིག་ཁྱེར་ནས་བྲོས་བྱོལ་བྱེད་ངེས་ཡིན་ཞེས་དྲིས་ཚེ། གལ་ཏེ་བྱིས་པའི་སྒོར་མོ་དང་ནོར་བུ་རྡོ་རྗེ་ཕ་ལམ་ཡིན་ཞེས་བརྗོད་པ་ན། ཡུམ་ཆེན་གྱིས་ཧ་ཅང་གཟབ་ནན་ངང་གཅེས་ཕྲུག་འདི་འདྲའི་ནོར་བུ་ཞིག་ཡོད་དེ། རྣམ་པ་དང་ཁ་དོག་གང་ཡང་མེད་པ་མ་ཟད་དྲི་མ་ཡང་མེད་པའི་དངོས་པོ་དེ་གང་ཡིན་པ་ཤེས་སམ་ཞེས་དྲིས་པ་ན། བྱིས་པ་ཚོས་མགོ་བོ་གཡུག་བཞིན་མི་ཤེས་པའི་བརྡ་ལན་འཕྲོད་མ་ཐག་ཨ་མས་ཡང་བསྐྱར་གཟན་ནན་གྱིས་བཤད་དོན། ཡིད་ལ་ཟུངས། ཁྱོད་ཀྱིས་འཁྱེར་འོས་པ་ནི་སྒོར་མོ་དང་ནོར་བུ་སོགས་གང་ཡང་མིན་ཏེ། སུས་ཀྱང་བརྐུ་འཕྲོག་བཅོམ་གསུམ་མི་ཐུབ་པའི་རིག་གནས་དང་། བདེ་ཐང་ལྟ་བུའི་ཤེས་རབ་ཡིན། གལ་སྲིད་ཁྱོད་རང་མུ་མཐུད་དུ་གསོན་ཐུབ་ཚེ་ཤེས་རབ་ནི་ཁྱོད་ཀྱི་ལུས་དང་གྲིབ་མ་བཞིན་འགྲོགས་པའི་ཚེ་གང་གི་གཏན་གྲོགས་ཤིག་ཡིན།


03.png

分享到: