ཨ་ཡིག་རིག་མཛོད།

མིག་རྒྱང་རིང་བའི་ཕུགས་བསམ་སྐྲུན་དགོས།  ལེགས་བཤད།

105


        ཨེ་དབྱིན་སི་ཐཱན་ནི་འཇར་མན་གྱི་ཡཱ་ཧཱུ་དཱ་པའི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐུ་བལྟམས། སྤྱིར་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་ཐོག་སློབ་ཆུང་དང་སློབ་འབྲིང་སྐབས་སུ་ཁོའི་སྦྱངས་འབྲས་ཀྱང་དེ་འདྲའི་བཟང་བོ་ཞིག་མེད་པ་མ་ཟད། ཁོང་ནི་ཆུང་དུས་སུ་བྱིས་པ་གཞན་དང་མི་འདྲ་བར་སྤྱིར་བཏང་གི་མིའི་བློ་ཡུལ་ལས་འདས་པའི་འདྲི་གཞི་འདོན་པ་དང་། ནམ་རྒྱུན་འདང་བརྒྱབ་ནས་ལུས་འགྲོ་བ་ཞིག་ཡིན་པས། གཞན་པ་ཚོས་ཁོང་གི་ཕ་མ་གཉིས་ཀྱི་སྙན་ལམ་དུ་བྱིས་པ་རྒྱུན་ལྡན་མིན་པའི་སྨན་ཁང་དུ་བསྟེན་དགོས་རབས་སོགས་བཤད་ཅིང་། ཁོང་ལ་གཞན་དང་མི་འདྲ་བའི་ཨ་མ་ཞིག་ཡོད་དེ། མོས་རྒྱུན་དུ་གཞན་པ་ཚོར་སྤྲོ་བའི་ངང་ནས་ལན་སློག་དོན། བདག་གི་གཅེས་ཕྲུག་ལ་ངས་མི་ཚེའི་ཕུགས་འདུན་ཞིག་གཏན་ཁེལ་བྱས་ཡོད་པས་འབྱུང་འགྱུར་གཅེས་ཕྲུག་གིས་ངོ་མཚར་ཆེ་བའི་བྱས་རྗེས་ཤིག་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་སྨྲས། རླབས་ཆེ་བའི་ཨེ་དབྱིན་སི་ཐཱན་གྱིས་ཀྱང་རང་དང་འཚམ་པའི་ཕུགས་འདུན་བསྐྲུན་ཡོད་པ་མ་ཟད་འབད་བརྩོན་ལྷོད་མེད་ཀྱིས་འཚོལ་སྙེག་བྱས་པ་རེད། ཡཱ་ཧཱུ་དཱ་པའི་མི་རིགས་ཀྱང་མི་རིགས་རང་གི་འབུར་དུ་ཐོན་པའི་ཁྱད་ཆོས་དང་འཚོ་བའི་ཁོར་ཡུག་བཅས་ལ་འབྲེལ་ཟབ་མོ་ཡོད་དེ། ཡོངས་ཁྱབ་ཀྱིས་ཆུང་དུས་ནས་དམིགས་འདུན་བསྐྲུན་ཏེ་མི་ཚེའི་དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་པ་རེད། དེ་བས། ཡཱ་ཧཱུ་དཱ་པའི་མི་སུ་ཡིན་རུང་བྱིས་པར་སློབ་གསོ་གཏང་བར་དུས་ཚོད་དང་སྟོབས་ཤུགས་ངེས་ཅན་ཕུད་དེ་བརྩོན་ལེན་བྱེད་པ་མ་ཟད། མགོ་ནས་མཇུག་བར་དུ་དཀའ་ཁག་གང་ལའང་མགོ་བོ་སྒུར་མི་སྲིད་ལ། གནས་བབ་ངན་པའི་ཁྲོད་དུ་རང་སྟོབས་རང་རྒྱལ་བྱེད་ཐུབ་དགོས། དེ་ལྟར་བྱས་ཚེ་ད་གཟོད་རྒྱལ་ཁ་ལེན་པའི་ཚད་གཞི་གཞན་ལས་མཐོ་བ་རེད།

03.png


分享到: