ཨ་ཡིག་རིག་མཛོད།

བྱིས་པའི་མི་ཚེ་ནི་དུས་སྔ་མའི་སློབ་གསོ་ལ་རག་ལས། ལེགས་བཤད།

22


      དུས་སྔ་མའི་སློབ་གསོས་བྱིས་པའི་ཚེ་གང་གི་མདུན་ལམ་ཐག་གཅོད་བྱེད་ཐུབ། རླབས་ཆེ་བའི་ཨེ་དབྱིན་སི་ཐཱན་གྱིས་ཀྱང་རང་གི་ཡབ་ཡུམ་གཉིས་ལ་བཀའ་དྲིན་ཞུ་འོས་པ་ཞིག་གོ། ཁོང་གི་ཐོབ་བྱ་ཡོད་ཚད་ནི་བྱིས་དུས་ཀྱི་ཁྱིམ་ཚང་སློབ་གསོ་དང་འབྲེལ་བ་ཟབ་མོ་ཡོད། ཨ་མའི་གླུ་གཞས་སྒྱུ་རྩལ་གྱིས་ཁོང་གི་བསམ་བློ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། ཨ་ཁུའི་གྲངས་ཀྱི་རིག་པའི་རིག་ལམ་བསྐྱེད་ནས་ཁོང་ལ་རྨད་དུ་བྱུང་བའི་བློ་རིག་སྐྱེན་པོ་ཞིག་སྦྱོང་བརྡར་བྱས་ཡོད། ད་དུང་ཨ་ཕའི་བསྟོད་སྐུལ་སློབ་གསོའི་ཁོང་ལ་སྟོབས་ཤུགས་མི་དམན་པ་ཞིག་བསྩལ་ཡོད་པ་ནི་སྨོས་མ་དགོས་སོ། ། དེ་བས། བྱིས་པའི་འབྱུང་འགྱུར་གྱི་འཕེལ་རྒྱས་ནི་དུས་སྔ་མའི་སློབ་གསོ་ལ་རེག་ལས་པས་ཕ་མ་སུ་ཡིན་རུང་རང་གི་གཅེས་ཕྲུག་གི་བྱིས་དུས་ཀྱི་སློབ་གསོ་ལ་ཐུགས་ཁུར་ཟབ་མོ་བྱས་ཏེ། བྱིས་པའི་འབྱུང་འགྱུར་གྱི་མདུན་ལམ་རིང་མོ་རྒྱལ་ཁའི་ངང་བགྲོད་ཐུབ་པར་བྱ་དགོས།

03.png

分享到: