ཨ་ཡིག་རིག་མཛོད།

བྱིས་པར་དོགས་སློང་དང་གསར་གཏོད། ལེགས་བཤད།

47


        རྟོག་དཔྱོད་བཅས་བྱེད་པར་སྣེ་ཁྲིད་བྱེད་དགོས། ནོ་པེར་བྱ་དགའ་ཐོབ་མཁན་གྱི་ཧཱི་པཱོ་ཐཱི་ལཱིང་གིས(赫伯特布郎)་བདག་གི་ཡབ་མེས་ཀྱིས་རྒྱུན་དུ་ང་ལ་དོགས་སློང་མང་བོ་བྱེད་པར་སྐུལ་བ་མ་ཟད། རང་གིས་དོགས་གཅོད་བྱས་ནས་རྒྱུ་མཚན་གསལ་བོ་ཤེས་དགོས་པ་རེད། ངའི་བྱིས་དུས་ཀྱི་འཚོ་བའི་ཁྲོད་དུ་ཕ་མ་རྣམ་གཉིས་ཀྱིས་བདག་ལ་བྱ་བ་གང་ཡིན་ཡང་བསམ་གཞིག་དང་དོགས་སློང་བྱས་ཏེ། གནས་ལུགས་དང་མཐུན་པ་སྐུལ་བ་ལས་དད་མོས་གང་རུང་ཞིག་ལ་བརྟེན་ནས་བྱ་བ་ག་གེ་མོ་ཞིག་དང་དུ་ལེན་པར་ནམ་ཡང་མཛུབ་སྟོན་གནང་མྱོང་མེད། ཕལ་ཆེར་བྱེད་སྟངས་འདི་ཙམ་ནི་ཡཱ་ཧཱུ་དཱ་པའི་མི་རིགས་ཀྱི་སློབ་གསོ་གཞན་ལས་ཁྱད་དུ་འཕགས་པའོ། ། ཡཱ་ཧཱུ་དཱ་པའི་ཁྱིམ་ཚང་གིས་རིག་གནས་ལ་གདེང་འཇོག་ཚད་མེད་གནང་བ་མ་ཟད། འཇོན་ཐང་དེ་བས་གཙིགས་སུ་འཛིན་ནོ། ། ཁོང་ཚོས་རིག་གནས་ཡོད་ཀྱང་འཇོན་ཐང་མེད་པའི་མི་ནི་གླེགས་བམ་ཁུར་བའི་བོང་བུ་ལྟ་བུ་ཞིག་ཏུ་འདོད་པ་མ་ཟད། གསར་གཏོད་མེད་པའི་སློབ་སྦྱོང་ནི་ལད་ཟློས་ཤིག་གོ། དོན་དམ་གྱི་སློབ་སྦྱོང་ནི་བསམ་གཞིག་གི་རྨང་གཞིའི་ཐོག་ནས་དོགས་སློང་བྱེད་ཕོད་པ་དང་། གང་འདོད་དུ་འདྲི་ཕོད་པ་ཞིག་ཡིན་དགོས། སྤྱིར་དོགས་སློང་ནི་ཤེས་རབ་ཀྱི་ལྡེ་མིག་ཡིན་པས་ཤེས་པ་ཇི་ལྟར་རྒྱས་ན་དོགས་གཞི་དེ་ལྟར་མང་། དེ་བས། བྱིས་པ་སློབ་གྲྭར་གྲོལ་ནས་ཕྱིར་ཡུལ་དུ་ལོག་མ་ཐག་ཏུ་ཁྱིམ་མིས་ཐོག་མར་བྱིས་པ་ལ་དེ་རིང་ཡང་ཁྱོད་ཀྱིས་དྲི་བ་བཏོན་ཡོད་དམ་ཞེས་པའོ། །


03.png


分享到: