ཡཱ་ཧཱུ་དཱ་པའི་མི་རིགས་ཀྱི་སྤྱི་ཚོགས་རིག་གནས་འཕེལ་འགྱུར། ལེགས་བཤད།172
དཀྱེལ་ཡངས་ཀྱི་རྣམ་པ་ལས་སིལ་བུར་འཐོར་བ། ཡཱ་ཧཱུ་དཱ་པ་ནི་དཔའ་ངར་ལྡན་ཞིང་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་ནི་དུས་ཡུན་རིང་བོའི་མི་རིགས་ཉམས་རྒུད་ཁྲོད་ནས་ཁོང་ཚོས་རང་ཡུལ་གཞུག་ལ་བསྐྱུར་ནས་གཞན་ཡུལ་རྡོག་པས་མནན་ཏེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་སིལ་བུར་འཐོར་སོང་བ་རེད། ཡིན་ཡང་། ཁོང་ཚོས་ཚེ་སྲོག་རྟ་རྔ་འདྲ་བོ་འབེན་ལ་བཞག་ནས་རང་རིགས་ཕ་མ་འདྲ་བོའི་བླ་སྲོག་མ་ཉམས་རྒྱུད་འཛིན་བྱས་པ་མ་ཟད། བློ་རྒྱ་ཡངས་པོའི་སྒོ་ནས་མི་རིགས་གཞན་གྱི་རིག་གནས་ལའང་སྙིགས་དོར་བཅུད་ལེན་བྱས་ཏེ་རིག་གནས་ཐམས་ཅད་ཀྱི་ཉིང་བཅུད་ནང་འདྲེན་བྱས་པས་མི་རིགས་རང་གི་རིག་གནས་ཀྱང་ཕུན་སུམ་ཇེ་ཚོགས་སུ་སོང་བའོ། །དེ་བཞིན་ཁྱིམ་ཚང་རེ་རེར་བྱིས་པར་ཐུན་མོང་མ་ཡིན་པའི་སློབ་གསོ་གཏོང་སྟངས་ཡོད་པ་དང་། དེ་མིན། ཡཱ་ཧཱུ་དཱ་པའི་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཚན་རིག་གསར་གཏོད་ཀྱི་སྟོབས་ནི་མི་རིགས་རང་གི་ཁྱད་ཆོས་དེ་དཀྱེལ་ཡངས་ཀྱི་སྤྱི་ཚོགས་རིག་གནས་འཕེལ་འགྱུར་ལས་བྱུང་བ་རེད། ཡཱ་ཧཱུ་དཱ་པའི་མི་རིགས་ལ་རིམ་བཞིན་ཕུལ་བྱུང་ཤེས་ཡོན་ཅན་བྱུང་བའི་རྒྱུ་མཚན་ནི་ཁོང་ཚོའི་དུས་ཡུན་རིང་བོར་གཞན་གྱི་མཐོང་ཆུང་དང་བཙན་གནོད་འོག་ནས་ཁ་འཐོར་དུ་སོང་སྟེ། གཞན་ངོ་བསྲུང་ནས་འཚོ་བ་དང་འབྲེལ་བ་ངེས་ཅན་ཡོད་པ་རེད། སྤྱི་ལོ ༢༨༠ ནས་བཟུང་ཡཱ་ཧཱུ་དཱ་པའི་མི་རིགས་སིལ་བུར་འཐོར་ཏེ་གཏན་འགོག་ས་ཁུལ་དུ་བསྐྱལ་མགོ་བརྩམས་པ་དང་། བྱེད་སྟངས་འདི་རིགས་ནི་དུས་རབས་་བཅུ་བཞི་དང་བཅོ་ལྔའི་དུས་སུ་ཨོ་གླིང་དུ་ཡོངས་ཁྱབ་ཏུ་སོང་བ་རེད། ད་དུང་ལུས་སྟེང་དུ་སྐེད་ཐག་སེར་བོ་ཅན་གྱི་རྟགས་ཤིག་བཏགས་ཏེ། རྟགས་དེ་ལ་བརྟེན་ནས་ཁྱད་པར་ཕྱེ་བ་རེད། ཁོང་ཚོ་ནི་དུས་ངེས་མེད་དུ་གཞན་གྱི་བརྙན་བཅོས་དང་མཐོང་ཆུང་། ཉེན་ཁའི་གནས་སུ་ལྷུང་ཡོད་པ་སོགས་ཀྱི་སྣང་ཚུལ་འདི་དག་ནི་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་གློག་བརྙན་ལ་ལར་ཞིབ་འབྲི་བྱས་འདུག |