ཨ་ཡིག་རིག་མཛོད།

ཡཱ་ཧཱུ་དཱ་པའི་ཕ་མས་བྱིས་པར་སློབ་གསོ་སྤྲད་སྟངས་ཤིག་ནི། ལེགས་བཤད།

64


༡ མཚན་མོར་བཟའ་མི་ཡོངས་མཉམ་པོར་འདུས་ནས་བྱིས་པ་དགའ་སའི་དཔེ་ཆ་ཀློག་པའི་གོམས་སྲོལ་ཡོད་པ།

༢ བྱིས་པར་དུས་དེབ་དང་ཚགས་པར་གཏན་ཁེལ་བྱས་ནས་ཀློག་ཏུ་འཇུག་པ།

༣ གཟའ་འཁོར་རེའི་ནང་ཉིན་གཅིག་ཕུད་དེ་བྱིས་པ་དང་མཉམ་དུ་ཚགས་པར་ཀློག་པ་མ་ཟད། འབྲེལ་ཡོད་ཀྱི་བརྗོད་གཞི་ལ་གྲོས་མོལ་བྱེད་པ།

༤ གཟའ་འཁོར་རེར་ཉིན་གཉིས་གསུམ་གྱི་དུས་ཚོད་ཕུད་དེ་དུས་ཚོད་གཅིག་ལ་བྱིས་པར་རྩེད་མོ་རྩེད་རོགས་བྱེད་པའམ། ཡང་ན་བྱིས་པའི་སྐད་ཆའི་སྒྱུ་རྩལ་མཐོར་འདེགས་ཀྱི་བྱ་འགུལ་གྱི་རིགས་སུ་ཞུགས་པ་རེད།

༥ གཟའ་འཁོར་རེར་བྱིས་པ་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་། ཡང་ན་ཤུལ་བཞག་རིག་གནས་ཁང་སོགས་སུ་ལྟ་སྐོར་དུ་ཁྲིད་ནས་བྱིས་པར་ཤེས་བྱ་སྦྱོང་དུ་འཇུག་དགོས། བྱིས་པར་དེབ་གྲངས་ཉུང་ཤོས་ཀྱི་དཔེ་དེབ་ཀློག་ཏུ་འཇུག་དགོས། རྒྱུ་མཚན། བྱིས་པའི་བློ་རྩེ་དུས་ཡུན་ཐུང་ངུའི་ནང་མ་གཏོགས་སྒྲིམ་མི་ཐུབ་པས་རེད། དེ་ལས་གཞན། བྱིས་པའི་ཀློག་བྱའི་དཔེ་ཆའི་ནང་བར་བཅུག་རི་མོ་མང་ཞིང་བརྗོད་དོན་ཉུང་བ་ཞིག་ཡིན་དགོས། སྤྱིར་བྱིས་པ་ནི་བར་བཅུག་རི་མོ་མང་ཞིང་ཡིག་འབྲུ་ཉུང་བའི་རིགས་ལ་སྤྲོ་སྣང་ཆེ་བ་རེད། ལྷག་ཏུ་དཔེ་ཆའི་ནང་གི་ཡི་གེའི་ནང་དོན་བྱིས་པའི་རྟོགས་ཐུབ་མིན་ལ་ཐུགས་གཟབ་གནང་དགོས། གལ་ཏེ་དཔེ་ཚད་ཆེ་ཞིང་བལྟས་པ་ཙམ་གྱིས་ཧ་ཅང་རྟོགས་སླ་བའི་རྣམ་པ་སྟེར་བའི་དཔེ་དེབ་རིགས་ཡིན་རུང་ཐོག་མར་ཞིབ་མོར་བཀླགས་ཏེ་བྱིས་པའི་དང་ལེན་བྱེད་ཐུབ་མིན་ལ་མཉམ་འཇོག་གནང་དགོས།


03.png


分享到: